Latest

Tibetan Green Book 5 Yr Extension

༄༅། །ས་གནས་བོད་རིགས་མི་མང་ཡོངས་ལ།

                                             ཆེད་འབུལ། དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་འབྱོར་བའི་་བཀའ་ཡིག་ནང་དོན། ཁྱབ་ཁོངས་བོད་མི་རྣམས་ཀྱི་དཔྱ་དེབ་དུས་ཡུན་རྫོགས་པ་རྣམས་ཕར་འགྱངས་བྱ་རྒྱུའི་ལས་འགན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་གནང་ཡོད། དེ་ཡང་གནང་ཕྱོགས་ལམ་སྟོན་ནང་གསལ་དཔྱ་དེབ་དུས་ཡུན་རྫོགས་པ་རྣམས་ལོ་ལྔ་རེ་ཕར་འགྱངས་བྱེད་དགོས་པ་དང་། ཕར་འགྱངས་བྱེད་སྐབས་དཔྱ་དངུལ་གཙང་འབུལ་གནང་ཟིན་པ་དགོས་པ་འཁོད་ཡོད།

གཞན་ཡང་དུས་ཡུན་ཕར་འགྱངས་བྱས་པའི་ཐོ་གཞུང་ཟུར་སྦྱར་རེའུ་མིག་ནང་བང་རིམ་བཞིན་བཀོད་ནས་ཟླ་བ་གསུམ་རེའི་མཚམས་འདི་ག་དོན་གཅོད་ལས་ཁུངས་བརྒྱུད་དཔལ་འབྱོར་ལས་ཁུངས་སུ་འབུལ་དགོས།

དཔྱ་དེབ་དུས་ཡུན་རྫོགས་པ་ཕར་འགྱངས་དགོས་པ་ཡོང་ནས་འགེངས་ཤོག་འདི་ངེས་པར་སྔ་ས་ནས་བཀང་དགོས་པ་ཡིན།

ནད་ཡམས་ཀྱི་གནས་སྟངས་ཇེ་དྲག་ཏུ་ཕྱིན་པ་དང་གཞུང་གི་ལམ་སྟོན་ལ་བརྩི་འཁུར་ཞུས་ཐོག་རིམ་པས་དཔྱ་དངུལ་འདུ་ལེན་དང་། དཔྱ་དེབ་དུས་ཡུན་རྫོགས་པ་དུས་འགྱངས་བྱ་རྒྱུའི་ལས་དོན་འགོ་འཛུགས་ཞུ་རྒྱུ་ཡིན་པ་བཅས་དགོངས་འཇགས་ཞུ།

འདི་ཐོག་དོགས་འདྲི་དང་གསལ་ཁ་དགོས་ཚེ་ཡིག་ཚང་ལ་ཞལ་པར་ཐོག་འབྲེལ་བ་གནང་རོགས། ༤༡༦་༤༡༠་༥༦༠༦

ཨོན་ཌེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་ཐུན་མོང་ནས།

Dear Community Members,

This is to inform all that as per official directives received from Paljor Lekhung of CTA and the Office of Tibet, DC, the local Tibetan Associations in North America are authorized and given the responsibility of giving 5 year extension to the expired Tibetan Green Books. To get the extension, the Chatrel contribution must be up to date.  The Associations must send report on GB extension to the Office of Tibet every three month.

Please CLICK HERE to complete the Green Book Extension Form before you come to CTAO Office to obtain the 5 year extension.

In view of the upcoming 2020-2021 CTA election but in compliance with the government COVID-19 guidelines, CTAO will gradually resume Chatrel contribution collection and the GB extension works.

If you have any questions or need further clarification, please call our office at 416-410-5606.

Thank you,

President and Board of

Canadian Tibetan Association of Ontario