༄༅། །༸རྒྱལ་བའི་སྐུའི་གོ་སྟོན་དང་བྱམས་བརྩེ་ལོ་སྲུང་བརྩི།


“YEAR of COMPASSION” CELEBRATION: COMMEMORATING HIS HOLINESS THE 14th DALAI LAMA’S 90th BIRTH ANNIVERSARY

༄༅། །༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་གོ་སྟོན་དང་འབྲེལ་བྱམས་བརྩེའི་ལོ་སྲུང་བརྩིའི་གསལ་བསྒྲགས། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བཀོད་ཁྱབ་དང། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༢༣ པའི་སྤྱི་མོས་གྲོས་ཆོད་དགོངས་དོན་ལྟར། འདི་ག་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་གཙོས་ས་གནས་བོད་རིགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དྲུག ཊོ་རོན་ཊོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ཨོན་ཊེ་རི་ཡོ་བོད་ཀྱི་བུད་མེད་ལྷན་ཚོགས། ཁེ་ན་ཌའི་མདོ་ཁམས་ཆུ་བཞི་སྒང་དྲུག ཨོན་ཊེ་རི་ཡོ་མདོ་སྨད་ཆོལ་ཁ། ཨོན་ཊེ་རི་ཡོ་དབུས་གཙང་ཆོལ་ཁ། དེ་བཞིན་ཊོ་རོན་ཊོ་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་མཉམ་རུབ་ཀྱིས་འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༢༤ རེས་གཟའ་ཉི་མ་ཉིན། སན་ཀོ་ཕ་ཐང་ (Sankofa Square) དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་གོ་སྟོན་དང་འབྲེལ་༼བྱམས་བརྩེའི་ལོ་༽སྲུང་བརྩིའི་ཟབ་རྒྱས་ཞུ་གཏན་འཁེལ་བ་ལགས་ན། དེ་ཉིན་གཙོ་བོ་༧མགོན་པོ་གང་ཉིད་ཀྱི་ཐུགས་བརྩེ་ཆེན་པོའི་སྐྱེ་འགྲོ་སྤྱི་དང་ཡངས་སྒོས་རང་ཅག་ཁ་བ་གངས་ཅན་པའི་བསྟན་འགྲོའི་བདེ་རྩར་མཛད་ཆེན་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་༸རྒྱལ་བའི་མཛད་ཆེན་ཁག་ངོ་སྤྲོད་དང་སྦྲགས་༧མགོན་པོ་མཆོག་ནས་ལྗགས་རྩོམ་གནང་བའི་ཕྱག་དེབ་ཁག་འགྲེམས་སྟོན། ལྷག་པར་དུ་ཆེད་མཁས་མི་སྣ་གདན་ཞུས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་གཏམ་བཤད དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་ནང་ཆོས། རིག་གཞུང་དང་སྒྱུ་རྩལ་བཅས་ངོ་སྤྲོད་འགྲེམས་སྟོན་གྱིས་གཙོས་པའི་མཛད་རིམ་སྣ་མང་ཞིག་གོ་སྒྲིག་ཞུས་ཡོད་པས། དེ་ཉིན་ས་གནས་སེར་སྐྱ་མི་མང་གང་མང་མཉམ་བཞུགས་ཡོང་བའི་འབོད་སྐུལ་གསལ་བསྒྲགས་སུ། […]

18th Term TIBETAN MEMBERS of PARLIAMENT (CHITHUE) FINAL ELECTION ANNOUNCEMENT

༠༢༦ བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་དངོས་གཞིའི་འོས་བསྡུ་གསལ་བསྒྲགས། དབུས་བོད་མི་སྒྲིག་འཛུགས་ཀྱི་ལྷོ་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་དངོས་གཞིའི་འོས་བསྡུའི་གནས་དོན་ཁག🗓 ༢༠༢༦ ཟླ ༤ ཚེས་༢༦ རེས་གཟའ་ཉི་མ།⏰ སྔ་དྲོ་ ༡༠།༠༠ ནས་དགོང་དྲོ་ ༨།༠༠ བར།📍 འོས་བསྡུ་བྱ་ཡུལ། ཁེ་ན་ཌ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ། 40 Titan Road, Toronto, ON, M8Z […]

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ།

67th TIBETAN NATIONAL UPRISING DAY བོད་མི་ཚོ་ལོངས་ཤོག བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་ཆེད་དུ། Rise up Tibetans for Human Rights and Freedom in Tibet TORONTO RALLY Tuesday, March 10, 2026 9:30 am […]

༢༠༢༦ འོས་བསྡུ་དེབ་སྐྱེལ་གསལ་བསྒྲགས།
2026 New Voter Registration Opportunity

༄༅།། ལྷག་བསམ་མཚུངས་མེད་སེར་སྐྱ་མི་མང་ཡོངས་ལ།                             ‘ ཞུ་གསོལ། དབུས་འོས་བསྡུ་ལས་ཁང་དང་བྱང་ཨ་རི་ས་གནས་འོས་བསྡུའི་འགན་འཛིན་ལས་ཁང་ནས་མྱུར་འཕྲིན་བཀའ་ཡིག་དང་གསལ་བསྒྲགས་ཕེབས་དོན། སླར་ཡང་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༥ […]

༢༠༢༦ སྲིད་སྐྱོང་དང་སྤྱི་འཐུས་སྔོན་འགྲོའི་འོས་བསྡུ་གསལ་བསྒྲགས།

བུས་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༨ སྔོན་འགྲོའི་འོས་བསྡུའི་གནས་དོན་ཁག🗓 ༢༠༢༦ ཟླ་༢ ཚེས་༡། རེ་གཟའ་ཉི་མ།⏰ སྔ་དྲོ་༡༠:༠༠ ནས་དགོང་དྲོ་༨:༠༠ བར📍 འོས་བསྡུ་བྱ་ཡུལ། ཁེ་ན་ཌ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ།40 Titan Road, Toronto, ON, M8Z 2J8📞 དྲི་བ་དང་གསལ་བཤད་དགོས་ན།ཁེ་ན་ཌ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཁུང། 416-410-5606༢༠༢༦ ས་གནས་སྲིད་སྤྱི་འོས་བསྡུ་ཚོགས་ཆུང་ནས་གསལ་བསྒྲགས་ཕུལ།Si-Chi 2026 Preliminary Elections […]

Si-Chi Election 2026 Dates

ཕྱི་ལོ་ ༢༠༢༥-༢༦ ལོའི་བིད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་མཐུས་སྐབས་ ༡༨ བའི་འོས་བསྡུ་ཆེན་མོ།2025-26 Elections of CTA Sikyong and the 18th Parliament-in-Exile SAVE THE DATES: Preliminary Elections: Sunday; February 1, 2026 Final Elections: […]

༄༅།། ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་གལ་ཆེའི་གསལ་བསྒྲགས།

༄༅།། ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་གལ་ཆེའི་གསལ་བསྒྲགས།Announcement Regarding 2026 Election. As 2026 SiChi Nyi election approaches, it’s time to make sure your voice is heard. Register to vote and be […]