Latest

Final SiChi Election Details – April 10 – 11, 2021 – Drive Thru in Toronto, Canada

སྲིད་སྤྱི་གཉིས་ཀྱི་དངོས་གཞི་འོས་བསྡུ་གནང་ཕྱོགས་ཀྱི་གསལ་བསྒྲགས།

 

ད་ལྟའི་ནད་ཡམས་ཀྱི་གནས་སྟངས་ལ་གཞིགས་ཏེ་འདི་ནས་འབོད་བསྐུལ་ཞུས་པ་བཞིན་དབུས་འོས་བསྡུ་ལས་ཁང་ནས་དམིགས་བསལ་བཀའ་འཁྲོལ་ཐོབ་པའི་འོག།ས་གནས་བོད་རིགས་མི་མང་ཡོངས་ནས་སྲིད་སྤྱི་གཉིས་ཀྱི་དངོས་གཞི་འོས་བསྡུ་དང་འབྲེལ་བའི་གཤམ་གསལ་གནད་དོན་རྣམས་ལ་ཐུགས་སྣང་ཡོང་བ་ཞུ།

འོས་བསྡུའི་དུས་ཚེས།
རེས་གཟའ་སྤེན་པ་དང་ཉི་མ་།
༢༠༢༡ ཟླ་ ༤ ཚེས་ ༡༠ དང་ཚེས་༡༡
དུས་ཚོད། ཞོགས་པ་ཕྱག་ཚོད་ ༨ ནས་ཕྱི་དྲོ་ཕྱག་ཚོད་༥ བར།

འོས་འཕེན་ས། གངས་ལྗོངས་ཆོས་ལྡན་གླིང།
གཤམ་གསལ་རེའུ་མིག་ལྟར་འོས་འཕེན་དུ་ཕེབས་དགོས་པ་དགོངས་འཇགས་ཞུ།

ཟླ་ཚེས།

འོས་བསྡུའི་དེབ་སྐྱེལ་ཨང།

༢༠༢༡ ཟླ་ ༤ ཚེས་ ༡༠

༡ ནས་ ༡༥༠༠ *

༢༠༢༡  ཟླ་ ༤ ཚེས་ ༡༡

༡༥༠༡ ནས་ ༢༨༠༠*

*on a first-come, first-served basis

མང་ཆེ་བས་རང་ཉིད་ཀྱི་སྣུམ་འཁོར་བསྐོར་ནས་འོས་འཕེན་ཐབས་གནང་རྒྱུ། Drive thru Vote གལ་ཏེ་སྣུམ་འཁོར་མེད་པར་ཕེབས་མཁན་ཚོར་འོས་ཤོག་འཕེན་སའི་མཐུན་རྐྱེན་ཟུར་དུ་གྲ་སྒྲིག་ཡོད། རང་ལོ་༨༠ སོན་པའི་བགྲེས་སོང་རྣམས་དང་དབང་པོ་སྐྱོན་ཅན་ རྣམས་ལ་དབུས་འོས་བསྡུ་ལས་ཁང་གི་ལམ་སྟོན་བཞིན་འོས་ཤོག་འཕེན་སའི་མཐུན་རྐྱེན་ཟུར་དུ་ཡོད་པ་བཅས་དགོངས་འཇགས་ཞུ།

དམིགས་བསལ་ཐུགས་སྣང་།

  • དངོས་གཞི་འོས་བསྡུ་དང་འབྲེལ་བའི་ལམ་སྟོན་དང་གསལ་བསྒྲགས་དྲ་རྒྱ་འདི་ https://www.tibetanelection.net/

རྒྱུད་ནས་གཟིགས་གཞིབ་ཡོང་བ་ཞུ།

སྲིས་སྐྱོང་འོས་མི། https://www.tibetanelection.net/sikyong2021-candidates/

བྱང་ཨ་རི་སྤྱི་འཐུས་འོས་མི། https://www.tibetanelection.net/us-jurisdiction/

  • ས་གནས་དང་མངའ་སྡེ་གཞུང་གི་ནད་ཡམས་དང་འབྲེལ་བའི་ལམ་སྟོན་ལ་ཚང་མས་བརྩི་སྲུང་དམ་དོན་གནང་དགོས་པ་མཁྱེན།
  • ད་ལྟའི་ནད་ཡམས་ཀྱིས་རྐྱེན་པས་མངའ་སྡེ་གཞུང་གི་འཕྲོད་བསྟེན་ལས་ཁུངས་ནས་ཉེས་ཆད་འཕོག་མི་སྲིད་པ་མིན་སྟབས། མི་མང་རྣམས་ནས་རང་དོན་རང་གཅེས་ཀྱིས་སྤྱི་ཚོགས་དྲ་རྒྱའི་ནང་དངོས་གཞི་འོས་འཕེན་ས་དང་འོས་འཕེན་སྐབས་ཀྱི་འདྲ་པར་སོགས་དྲ་ལམ་ཁག་ཏུ་འགྲེམས་སྤེལ་མ་གནང་རོགས་ཞེས་འབོད་བསྐུལ་ནན་པོ་ཞུ་རྒྱུ་ཡིན།
    དོགས་འདྲི་སོགས་ཡོད་ཚེ་ཡིག་ཚང་ལ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། ༤༡༦༤༡༠༥༦༠༦

 

                     ཨོན་ཊེ་རིཡོ་ས་གནས་འོས་བསྡུ་ཚོགས་ཆུང་ནས་ཕྱི་ལོ་༢༠༢༡ ཟླ་༣ཚེས་༢༨ ལ།