Sichi Voter Registration Info

སྲིད་སྐྱོང་དང་བྱང་ཨ་རིའི་སྤྱི་འཐུས་འོས་བསྡུ་དང་འབྲེལ་བའི་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་གསར་དུ་བྱ་རྒྱུའི་གལ་ཆེའི་གསལ་བསྒྲགས།

༄༅། ས་གནས་བོད་རིགས་མི་མང་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར།

དབུས་འོས་བསྡུ་ལས་ཁང་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ནས་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་སྐབས་༡༧ པའི་སྤྱི་འཐུས་འོས་བསྡུ་དང་འབྲེལ་བའི་ལམ་སྟོན་འབྱོར་གསལ། ཕྱི་ལོ་༢༠༢༡ ལོའི་འོས་འཕེན་མིང་གཞུང་དེབ་སྐྱེལ་གསར་དུ་བྱེད་དགོས་པ་བཀའ་ཡིག་ཕེབས་དོན་བཞིན་ལག་བསྟར་ཞུ་རྒྱུ་ལགས་ན། བོད་རིགས་ཚང་མས་གལ་ཆེ་དོན་ཆེར་རྩིས་ནས་་གཤམ་གསལ་གནད་དོན་ཁག་ལ་ཐུགས་སྣང་དང་མཉམ་ཞུགས་ཡོང་བ་ཞུ།

ཀ༽ འོས་མི་དེབ་སྐྱེལ

ལོ་ཟླ་ཚེས  ༢༠༢༠ ཟླ་ ༩ ཚེས་༡ ནས་༢༠༢༠ ཟླ་ ༡༠ ཚེས་༡༥ཉིན་ཡང་གནས་སྐབས་རིང་རེས་གཟའ་སྤེན་པ་དང་ཉི་མ་འཆར་ཅན་།

དུས་ཚོད། ཕྱི་དྲོ་ཕྱག་ཚོད་  ནས་ཕྱག་ཚོད་  བར།
དེབ་སྐྱེལ་བྱ་ཡུལཿ གངས་ལྗོངས་ཆོས་ལྡན་གླིང།

རེས་གཟའ་ལྷག་པ་(ལྷ་སྐར)ཉིན། པག་ཌེལ་སློབ་གྲྭའི་འདུན་ཐང་དུ་༢༠༢༠ ཟླ་ ༩ ཚེས་༢ དང་ ༩ །  ཆུ་ཚོད་ ༥ ནས་༨བར།

རེས་གཟའ་ལྷག་པ་(ལྷ་སྐར)ཉིན། མིམི་ཀོ་ས་ཁུལ་དུ་༢༠༢༠ ཟླ་ ༩ ཚེས་༡༦ དང་ ༢༣།  ཆུ་ཚོད་ ༥ ནས་༨བར།

རེས་གཟའ་ལྷག་པ་(ལྷ་སྐར)ཉིན། པག་ཌེལ་སློབ་གྲྭའི་འདུན་ཐང་དུ་༢༠༢༠ ཟླ་ ༩ ཚེས་༣༠ དང་ཟླ་༡༠ ཚེས་ ༧ དང་ ༡༤ ཉིན།  ཆུ་ཚོད་ ༥ ནས་༨བར།

 

དེབ་སྐྱེལ་ཆ་རྐྱེན།

༡༽ བོད་ཀྱི་ཡུལ་མི་རང་ལོ་༡༨ ལོན་པ་(༢༠༢༠ ཟླ་ ༡༠ ཚེས་ ༣༠ ལ་)དང་བཅའ་ཁྲིམས་ནང་གཏན་འབེབས་གནང་པའི་འོས་འཕེན་པའི་ཆ་རྐྱེན་ཁག་ཚང་བ་ཡོངས་ནས་དེབ་སྐྱེལ་བྱ་ཆོག།
༢༽ རང་ཉིད་དཔྱ་དངུལ་ལག་དེབ་ནང་༢༠༢༠ ཟླ་༣ ཚེས་ ༣༡ བར་དཔྱ་ཁྲལ་འབུལ་ཟིན་པ་དགོས།

མཁྱེན་རྟོགས་ཆེད།

བྱང་ཨ་རིའི་ཁྱབ་ཁོངས་ས་གནས་འོས་བསྡུའི་ཚོགས་ཆུང་གི་ཚོགས་གཙོ་ནི་བྱང་ཨ་རིའི་སྐུ་ངོ་དོན་གཅོད་མཆོག་ཡིན་པ་དང་། ཁོང་གི་འགན་འཁུར་བཀོད་ཁྱབ་འོག་འདི་ག་ས་གནས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐེངས་འདིའི་ས་གནས་ཀྱི་འོས་བསྡུའི་ཚོགས་གཙོ་དང་། ཚོགས་མི་རྣམས་ནི་ཨོན་ཊ་རིའོ་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་རྣམས་ཡིན་ལ། ཟུར་དཔང་རྣམས་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་ཡིན་པ་དགོངས་འཇགས་འཚལ།

ས་གནས་འོས་བསྡུ་ཚོགས་ཆུང་ནས།
 

VoterRegistration Notice
(Sikyong and 17th Chitue Elections 2021)

 

Dear Community members:

As per official circular received from the CTA Election Commission via Representative’s Office of Tibet ( Head of Local Election Commission North America) we must do fresh registration of all the eligible voters.

 Please note the following important dates and information regarding the voter registration.

 Date: September 1, 2020 to October 15, 2020

 

Every Saturday and Sunday

Time: 1PM to 5PM

Place: TCCC, 40 Titan RoadToronto, ON
Every Wednesday (Lhakar) Infront of Parkdale Collegiate September 2 and 9 Time: 5PM to 8PM
Every Wednesday (Lhakar) Mimico Area September 16 and 23 Time: 5PM to 8PM
Every Wednesday (Lhakar) Infront of Parkdale Collegiate September 30 and October 7 and 14, 2020 Time: 5PM to 8PM

 

Important Note:

1.      Those Tibetans who reach the age of 18 years on October 30, 2020 & fulfilling the Voters Requirements as per Charter – in Exile can register and vote

2.      To Register and Vote in the two elections, Green Book payments must be made up to March 31, 2020. Payments will be verified at the time of the registration and on the days of the elections.

 Note: As per official directive received from the Representative  who is the Chair of North America Local Election Committee, to successfully and smoothly organize the CTA elections 2021 we have formed a sub local election committee comprising the president of CTAO (Chair) and five members of our very own CTAO election committee members. Please attached the group photo of the members of our local election committee members and the presidents of TYC, TWAO and Chushigangdruk as three observers during the election.  

 Should you have any questions or need further information please contact us at 416-410-5606

Thank you,

Chair
Local Tibetan Election Committee