Sichi Election 2021 – Jan 1 – 3

སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་ཕྱོགས་ཀྱི་གསལ་བསྒྲགས།

ད་ལྟའི་ནད་ཡམས་ཀྱི་གནས་སྟངས་ལ་གཞིགས་ཏེ་འདི་ནས་འབོད་བསྐུལ་ཞུས་པ་བཞིན་དབུས་འོས་བསྡུ་ལས་ཁང་ནས་དམིགས་བསལ་བཀའ་འཁྲོལ་ཐོབ་པའི་འོག།ས་གནས་བོད་རིགས་མི་མང་ཡོངས་ནས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དང་འབྲེལ་བའི་གཤམ་གསལ་གནད་དོན་རྣམས་ལ་ཐུགས་སྣང་ཡོང་བ་ཞུ།

འོས་བསྡུའི་དུས་ཚེས།
རེས་གཟའ་པ་སངས་དང། སྤེན་པ། ཉི་མ་བཅས་ཡིན།
༢༠༢༡ ཟླ་ ༡ ཚེས་ ༡ ནས་ཚེས་༣ བར།
དུས་ཚོད། ཞོགས་པ་ཕྱག་ཚོད་ ༨ ནས་ཕྱི་དྲོ་ཕྱག་ཚོད་༥ བར།

འོས་འཕེན་ས། གངས་ལྗོངས་ཆོས་ལྡན་གླིང།
གཤམ་གསལ་རེའུ་མིག་ལྟར་འོས་འཕེན་དུ་ཕེབས་དགོས་པ་དགོངས་འཇགས་ཞུ།

ཟླ་ཚེས།
འོས་བསྡུའི་དེབ་སྐྱེལ་ཨང།
༢༠༢༡  ཟླ་ ༡ ཚེས་ ༡
༡ ནས་ ༡༠༠༠
༢༠༢ཟླ་ ༡ ཚེས་ ༢
༡༠༠༡ ནས་ ༢༠༠༠
༢༠༢ཟླ་ ༡ ཚེས་ ༣
༢༠༠༡ ནས་ ༢༧༠༥

མང་ཆེ་བས་རང་ཉིད་ཀྱི་སྣུམ་འཁོར་བསྐོར་ནས་འོས་འཕེན་ཐབས་གནང་རྒྱུ། Drive thru Vote གལ་ཏེ་སྣུམ་འཁོར་མེད་པར་ཕེབས་མཁན་ཚོར་འོས་ཤོག་འཕེན་སའི་མཐུན་རྐྱེན་ཟུར་དུ་གྲ་སྒྲིག་ཡོད། རང་ལོ་༨༠ སོན་པའི་བགྲེས་སོང་རྣམས་དང་དབང་པོ་སྐྱོན་ཅན་ རྣམས་ལ་དབུས་འོས་བསྡུ་ལས་ཁང་གི་ལམ་སྟོན་བཞིན་འོས་ཤོག་འཕེན་སའི་མཐུན་རྐྱེན་ཟུར་དུ་ཡོད་པ་བཅས་དགོངས་འཇགས་ཞུ།

དམིགས་བསལ་ཐུགས་སྣང་།

  • རང་ཉིད་ཀྱི་འོས་མིའི་མིང་དངཕ་ཡུལད་ལྟའི་སྡོད་གནས། ད་ལྟའི་ལས་གནས་སམ་སྔོན་གྱི་ལས་གནས་སོགས་ཀྱི་གནས་ཚུལ་མཁྱེན་པའི་ཐོག་འོས་འཕེན་པར་ཕེབས་དགོས། ཕྱག་སྨྱུག་དང་དེབ་ཞིག་མཉམ་དུ་བསྣམས་རོགས་ཞུ་རྒྱུ།
  • ཕྱི་ལོག་ནས་འོས་མིའི་ཤོག་འཛར་རིགས་འགྲེམས་སྤེལ་གནང་མི་ཆོག།འོན་ཀྱང་འོས་འཕེན་པ་རང་ཉིད་ཀྱི་འོས་དམིགས་འཐུས་གཙང་འབྲི་ཐབས་སླད་བརྗེད་ཐོ་མཉམ་འཁྱེར་ཆོག་འཐུས་ཀྱང་། བརྗེད་ཐོ་རང་ཉིད་ཀྱིས་འོས་བླུགས་རྗེས་གཞན་ལ་བརྒྱུད་སྤྲོད་མི་ཆོག་པ་དང། བརྗེད་ཐོ་དེ་བཞིན་སྤྱིལ་བུ་ནས་ཐོན་མ་ཐག་དབྲལ་ཏེ་མེད་པ་བཟོས་མཚམས་གད་སྣོད་ནང་གཡུག་དགོས།
  • ས་གནས་དང་མངའ་སྡེ་གཞུང་གི་ནད་ཡམས་དང་འབྲེལ་བའི་ལམ་སྟོན་ལ་ཚང་མས་བརྩི་སྲུང་དམ་དོན་གནང་དགོས་པ་མཁྱེན།
  • ད་ལྟའི་ནད་ཡམས་ཀྱིས་རྐྱེན་པས་མངའ་སྡེ་གཞུང་གི་འཕྲོད་བསྟེན་ལས་ཁུངས་ནས་ཉེས་ཆད་འཕོག་མི་སྲིད་པ་མིན་སྟབས། མི་མང་རྣམས་ནས་རང་དོན་རང་གཅེས་ཀྱིས་སྤྱི་ཚོགས་དྲ་རྒྱའི་ནང་སྔོན་འགྲོའི་འོས་འཕེན་ས་དང་འོས་འཕེན་སྐབས་ཀྱི་འདྲ་པར་སོགས་དྲ་ལམ་ཁག་ཏུ་འགྲེམས་སྤེལ་མ་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།
    དོགས་འདྲི་སོགས་ཡོད་ཚེ་ཡིག་ཚང་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། ༤༡༦༤༡༠༥༦༠༦

 

                     ཨོན་ཊེ་རིཡོ་ས་གནས་འོས་བསྡུ་ཚོགས་ཆུང་ནས་ཕྱི་ལོ་༢༠༢༠ ཟླ་༡༢ ཚེས་༢༧ ལ།