CTAO Celebrates His Holiness the Dalai Lama’s 85th Trunkhar (Birthday) & Year of Profound Gratitude 2020

Celebrates His Holiness the Dalai Lama’s 85th Trunkhar (Birthday) & Year of Profound Gratitude 2020

༸རྒྱལ་བའི་སྐུའི་འཁྲུངས་སྐར་དང་བཀྲིན་རྗེས་དྲན་གྱི་ལོ་སྲུང་རྩིས་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས།

༄༅།  །ས་གནས་སེར་སྐྱ་མི་མང་སྤྱི་དང་བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་གི་ཆོས་གྲོགས་

མི་སྣ་ཡོངས་ཀྱི་སྙན་ལམ་དུ།

འདི་ནས་གསལ་བསྒྲགས་སྔོན་སོང་ལྟར།  ཨོཌེརིཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག  ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ རེས་གཟའ་ཟླ་བ་སྔ་དྲོ་ཕྱག་ཚོད་ ༠༩།༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་དུས་ཚེས་ཁྱད་པར་ཅན་ཉིན་ས་གནས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་མཆོག་ལ་དགའ་དད་སྤྲོ་གསུམ་གྱིས་འཁྲུངས་སྐར་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ་བ་དང་ལྷན་༸ཞབས་པད་མི་འགྱུར་རྡོ་རྗེའི་ཁམས་སུ་རྟག་བརྟན་ཡོང་བའི་གསོལ་འདེབས་ཞུ།   ཀུན་གྱི་མཁྱེན་གསལ་བཞིན།  བོད་མི་གནས་སྡོད་ས་ཕྱོགས་གང་སར་༸རྒྱལ་བའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་གཟབ་རྒྱས་ངང་ཞུ་སྲོལ་དེ་ལྟར་ཡང་།  འདི་ལོ་ཡུལ་ལུང་ཀུན་ཏུ་འགོད་ནད་ཀྱི་དཀའ་ངལ་དང་ས་གནས་འཕྲོད་བསྟེན་ལྷན་ཁང་ནས་ནད་ཡམས་སྔོན་འགོག་ལམ་སྟོན་བཀའ་རྒྱ་ནན་པོ་གནང་བ་སྒྲིག་འཁུར་དང་ལེན་གྱིས་འདི་ལོའི་༸རྒྱལ་བའི་སྐུའི་འཁྲུངས་སྐར་དྲ་ལམ་བརྒྱུད་གསུང་བརྩི་ཞུ་རྒྱུ་ཐུགས་གཏན་འཁེལ་བ་དང་།   སྐུ་མགྲོན་གཙོ་བོར་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་།   དམིགས་བསལ་སྐུ་མགྲོན་དུ་༸རྒྱལ་བའི་སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས།  དེ་བཞིན་ས་གནས་ཀྱི་ཆབ་སྲིད་མི་སྣ་ཁག་དང་ཡུན་རིང་༸གོང་ས་མཆོག་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ལ་སེམས་ཐག་ཉེ་བའི་སྐུ་མགྲོན་ཁག་ཅིག་ནས་གསུང་བཤད་དང་།   དེ་རྗེས་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་ཀྱི་གནའ་དེང་ཟུང་འབྲེལ་གྱི་གཞས་པ་གཞས་མ་གྲངས ༡༤  ཙམ་གྱིས་འཁྲུངས་སྐར་རྟེན་འབྲེལ་གཞས་སྣ་གཟིགས་འབུལ་བཅས་མཛད་རིམ་ཟུར་གསལ་ལྟར་བོད་རིགས་སྤྱི་མཐུན་ཚོགས་པའི་དྲ་རྒྱའི་བརྒྱུད་ཐད་ཀར་རྒྱང་བསྲིངས་ཞུ་རྒྱུ་ཡིན་པས་མང་ཚོགས་ནས་དེ་ལུགས་མཉམ་བཞུགས་གང་མང་དང་།  དེ་མཚུངས་རང་གི་གཉེན་ཉེ་ཆོས་གྲོགས་བཅས་ལ་རྒྱུད་སྤེལ་གྱིས་་མཉམ་བཞུགས་གང་མང་ཡོང་བའི་དགེ་བསྐུལ་གནང་རོགས་བཅས་ཞུ་རྒྱུ་ཡིན།

ཨོཌེརིཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་རིག་གཞུང་བསྟི་གནས་ཁང་ནས  ༢༠༢༠  ཟླ  ༦  ཚེས   ༢  ལ།

Trunkhar Program (pdf – Tibetan version )

Trunkhar Program (pdf – Eng version)

This year marks the 85th Birthday of His Holiness the 14th Dalai Lama (HHDL).  Every year on July 6th, Tibetans Canadians living in Ontario come together in many numbers to celebrate His Holiness the Dalai Lama’s birthday at the Tibetan Canadian Cultural Centre (TCCC), located in Etobicoke, Ontario.  However, this year has been a very difficult and challenging year for everyone around the world and it is no different for the Tibetans living in Ontario.  Due to the pandemic situation and the directive from public health, Tibetans this year will be celebrating this auspicious occasion in a creative way with a live virtual ceremony and a 3 hour music concert. We are honoured to have His Holiness Gyalwa Karmapa Rinpoche as our Chief Guest and Geshe Thupten Jinpa (principal translator of His Holiness the Dalai Lama) who will deliver a talk on the “Four Commitments” of HHDL.  Dignitaries from the three levels of government and friends of Tibet and local Tibetan NGOs, along with Tibetan children will also share their birthday messages during this auspicious occasion. The morning program will be followed by a 3 hour long virtual concert consisting of 14 Tibetan traditional and contemporary artists from different parts of the world.  A detailed program for the event will be available below in the next day or two.

This year (Year 2020) has also been declared by the Central Tibetan Administration (CTA) as the year of gratitude to His Holiness the Dalai Lama.  Tibetans around the world will be celebrating and organizing many events this year to not only show respect to His Holiness but also to recognize and appreciate all of his achievements. Tibetans in Ontario would like to say “Thank You” to His Holiness by distributing 1000 hot meals in the GTA (at shelters with food programs and frontline staff at Healthcare facilities) on His Holiness’ Birthday.  This is one of the ways for the centre to bring awareness in and around the community and to share the message of love, compassion and kindness that His Holiness has bestowed on us.  On the other hand, it is a small way for the local Tibetans to give back to the community.

To celebrate this year as the Year of Profound Gratitude to His Holiness, TCCC will be initiating activities every month until the end of the year by engaging the youth to understand how His Holiness has dedicated and contributed his entire life not only in the preservation and promotion of Tibetan culture and heritage but also his contribution to the entire world.

 

༄༅།། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས ༦ ཉིན་ནས་དབུ་འཛུགས་ཀྱིས༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁག

YEAR OF GRATITUDE – LIST OF EVENTS BEGINNING JULY 6, 2020

 

མཛད་རིམ་རེའུ་མིག / EVENT SCHEDULE

  • ༢༠༢༠  ཟླ་བ་བདུན་པ།

    • ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ངོ་སྤྲོད་མདོར་བསྡུས། སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས།

    • ས་གནས་ཀྱི་ཉམ་ཐག་དང་སྨན་ཞབས་པ་གྲངས ༡༠༠༠  ཙམ་ལ་འཁྲུངས་སྐར་ཉིན་ཟས་སྦྱིན་ལས་འགུལ།

    • ཕྱི་ཟླ་བདུན་པའི་ནང་གི་རེས་གཟའ་ལྷག་པ་ནམ་ཡིན་ལ་ལྷག་དཀར་ཟས་སྦྱིན་ལས་འགུལ།

    • ༸རྒྱལ་བའི་སྐུའི་འཁྲུངས་སྐར་ཉིན་བཀའ་དྲིན་རྗེས་དྲན་མཚོན་བྱེད་དྲ་རྒྱ་བརྒྱུད་བསྟོད་པའི་གླུ་དབྱངས་གཟིགས་འབུལ་ལས་འཆར།

  • JULY 2020
    • A brief introduction to “The Four Commitments of His Holiness the Dalai Lama ” by Geshe Thupten Jinpa (Principal Translator of HHDL)
    • Distribution of 1000 hot meals to needy and also to frontline healthcare workers in GTA on Trunkhar July 6th
    • Throughout the month of July – On Lhakar (Wed) – we will distribute 250-300 meals within GTA
    • Virtual Concert celebrating HHDL Birthday and Year of Gratitude
  • ཟླ་བ་བརྒྱད་པ།

    • ཤེས་ཡོན་གྱི་གལ་གནད། ༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་འབྱོར་གནང་མ་ཐག   མ་འོངས་ན་གཞོན་རྣམས་ལ་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་འཐུས་ཚང་ཞིག་སྤྲོད་ཐུབ་ཆེད་སློབ་གྲྭ་ཁག་དང་།    དགོན་སྡེ་ཁག དེ་བཞིན་བོད་མི་རྣམས་ཁ་ཐོར་མི་དགོས་པར་གཞིས་ཆགས་ཆེད་འཛུགས་གནང་བའི་བརྒྱུད་རིམ་དང་གལ་གནད་ཐུགས་རེ་བཅས་ཀྱི་སྐོར།

  • AUGUST
    • Recognizing the importance of Education – Sharing the planning and  Establishment of Schools, Monasteries and Settlements in India by His Holiness the Dalai Lama among the younger generation.
  • ཟླ་བ་དགུ་པ།

    • དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྨང་གཞི་འཛུགས་བསྐྲུན་དང་། མི་མང་ལ་མང་གཙོའི་ལམ་ལུགས་འཐུས་ཚང་གསོལ་སྩལ། དེ་བཞིན་འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་ཁང་ཆེད་འཛུགས་གནང་བའི་བརྒྱུད་རིམ་དང་གལ་གནད་ཐུགས་རེ་སྐོར།

  • SEPTEMBER
    • Founding of the Central Tibetan Administration and the establishment of a modern democratic system of government in exile with the 3 pillars of democracy.
    • Timely administrative and legislative reforms
  • ཟླ་བ་བཅུ་པ།

    • ༸གོང་ས་མཆོག་གི་ལྗགས་རྩོམ་གནང་བའི་ཕྱག་དཔེ་ཁག་གི་ངོ་སྤྲོད་དང་། དེའི་བོད་དང་རྒྱལ་སྤྱིའི་ནང་ཕན་ནུས་སྐོར།

  • OCTOBER 
    • Books published by His Holiness the Dalai Lama and the impact on the Tibetan and International community
  • ཟླ་བ་བཅུ་གཅིག

    • ༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན།

  • NOVEMBER
    •  Talk on the Four Commitments of His Holiness the Dalai Lama
  • ཟླ་བ་བཅུ་གཉིས།

    • ༸གོང་ས་མཆོག་ལ་འཛམ་གླིང་ནང་ཆེས་མངོན་པར་བསྟོད་པའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེ་དག་གི་ངོ་སྤྲོད་དང་། དེའི་སྐབས་སོ་སོར་༸གོང་ས་མཆོག་ནས་གནང་བའི་བཀའ་སློབ་ཀྱི་གལ་གནད་སྐོར།

  • DECEMBER
    • Introduction to the Awards received by His Holiness the Dalai Lama, it’s importance and message delivered by His Holiness to the world at each of the award ceremonies.